2
༄༅།།འཛམ་ང་ཁར་ག་ཉན་མ་ང་ད། ༄༅།།བད་མཐ་ང་ག་རང་ང་ཁར་ག བད་་རང་ང་ཁར་ག་ག་གནས་ངས་དང་བ་ཆ་ད་འཛམ་ ང་ལ་ཁབ་གཞན་་ཁར་ག་དང་འ་བའ་དར་ད་དང་ཆགས་ འཇག་་ཚགས་འང་བཞན་ཡད་པ་རད། ཡན་ནའང་ལ་ཁབ་གཞན་ ལས་བད་་ཁར་ག་ག་མ་སའ་ཐན་ངས་བཟང་བ་དང༌། འང་ ཁམས་གཙང་མ་ཡད་པ་མ་ཟད། གནད་ན་་ཉན་ཚབས་ང་ང་ བ་ཡད་པ་རད། ར་བད་་ཁར་ག་གནས་ངས་ར་རགས་ཙམ་ ང་ན་འཛམ་ང་སའ་ཡང་ཐག་གངས་ཅན་ངས་ཞས་པ་འད་དར་ དན་ན་དད་སགས་ས་བཞའ་འར་བ་དང་ན་ཞང༌། བསལ་ ད་མས་ལ་ནམ་མཁའ་གཡའ་ངས་བ། མཛས་ག་ཉམས་དགའ་ དག་བ་ཚང་བའ་ལ་ངས་ཤག་ཡན་པ་དང༌། ད་བད་བཀད་པ་ ན་གས་བཞ་མཚམས་བད་ཆས་མཐ་བའ་བད་ཉམས་ན་པའ་ར་ བ་མང་པས་བར་ཞང༌། ད་དག་ན་ད་པའ་གངས་ར་དང༌། འག་ རམ། ་ར། ང་ར། ནགས་ར། ག་ར་སགས་ལས་བ་ཅང༌། ་ མཐའ་མད་པའ་་ང་ཅན་་་ཐང་དང་ང་ངས་མས་་་ཞམ་ ན་་དང༌། ་ཤང༌། མ་ཏག་་ཚགས་ས་མ་པར་བ་བ། ར་བ་ དང་བད་ན་་འ་ན་་་དང༌། ཤ་མར་ད་གམ། ཤང་ཐག་ དང་རང་ང་་ཚལ་རགས་སགས་་མང་འཛམས་པའ་ཟས་བད་་ ཐན་ངས་ན་མ་ཚགས་པ། ལ་ང་ང་ག་ག་ག་ལ་ས་ན་ པའ་ནགས་ཚལ་མང་ཞང་ཤང་་འ་མན་་ཐན་ངས་ན་པ། རན་ ལ་་གཏར་དངས་ཐན་ངས་་མང་ན་མ་ཚགས་ཤང་ད་་ འཕགས་པ། ངས་གཙང་ཡན་ལག་བད་ན་་གཙང་པ་དང༌། ་ བ། ག་། མཚ། མཚ་སགས་ངས་ལས་འདས་ཤང༌། ར་ང་ད་ དག་ལ་གནས་པའ་གཅན་གཟན་ར་གས་དང༌། འདབ་ཆགས་སགས་ ག་ཆགས་རགས་མ་འ་བ་ཆས་མང་པ་རང་འདད་ཅ་གར་རལ་བས། བད་་ས་མཐའ ་ཐང་ཆན་ན་འཛམ་ང་ནང་གཞ་་ཆ་ལ་དམགས་ བསལ་་ད་ཆས་ན་ཡད་པ་མ་ཟད། ཨ་ཤ་ཡའ་མཁའ་ང་ག་ག་ ཚད་དང་གནམ་གཤས་ལ་ ཤགས་ན་ཐབས་་ཡད་པ་དང༌། བད་་ འཛམ་ང་ག་ཁར་ག་ཉན་མ་ (World Environment Day) ན་་ལ་༡༩༧༢ལའ ་་བ་༡༠པའ་ནང་མཉམ་འལ་ལ་ཚགས་་ ཚགས་ཆན་བས་༢༧པ་ཚགས་བས་ཁར་ག་ང་བ་ཐག་བ་ ང་ཤགས་ཆ་ང་བར་བན་ལ་ར་་་༦པའ་ཚས་༥ཉན་༼ག་་ ཁར་ག་ཉན་མ་༽ཞས་འཛམ་ང་ག་ཁར་ག་ཉན་མར་ང་བ་་ ར་གཏན་འབབས་དང། ་ལ་༡༩༧༣ ལར་ཆས་ཐག་མའ་ཁར་ག་ ག་ཉན་མ་ང་བ་ས། ་ལ་༡༩༧༤ལ་ནས་བང་། ལ་ར་མཉམ་འལ་ལ་ ཚགས་་ཁར་ག་འཆར་འགད་ན་ཁང་གས་འཛམ་ང་ང་ཁར་ ག་ག་གནད་དན་ལ་གཞག་ནས་ལ་བགས་འབད་ཚག་ཅག་གཏན་ འབབས་ད་ལ་ཡད་པ་རད། དཔར་ན། ༡༩༨༦ ལར་ཞ་བདའ་ཤང་ ང་ང་གཅག་དང་། (A Tree for Peace) ༡༩༩༤ ལར་ས་གཞ་ གཅག་མ་ཚང་གཅག་ (One Earth One Family) ་། ༡༩༨༧ ལ་ནས་ལ་ར་འཛམ་ང་ལ་ཁབ་ཁག་ག་གལ་ཆའ་ང་ ར་གཅག་བདམས་ཏ་མཉམ་འལ་ལ་ཚགས་་ཁར་ག་ང་ བ་་ལ་བགས་ལས་འལ་་གནས་་ག་ག་ད་ལ་ཡད་ པ་དང་། ཉན་དར་ལས་འལ་འ་མན་ལ་ཏ་འ་བ་མའ་རགས་ གཙས་ག་ན་ཚང་མའ་འཚ་ད་ད་སའ་ཁར་ག་འད་ང་བ་ དང་། བདག་ང་། ལགས་བཅས་སགས་གཏང་དགས་པའ་ལ་ བགས་ད་་ཡད། དཔར་ན། ་ལ་༡༩༩༣ལར་་ནག་ག་ལ་ས་ པ་ཅང་དང་། ༢༠༡༡ ལར་་གར་་ལ་ས་་ལ་གསར་པ་བཅས་ལ་ ག་ག་ས་ཡད། འདར་ལ་་ལ་ ༢༠༡༣ ལའ ་འཛམ་ང་ག་ཁར་ག་ཉན་མ་ འད་བཞན་སག་ལ་ནང་འཚགས་བཞན་ཡད་པ་དང་། འད་ལ་མཉམ་ འལ་ལ་ཚགས་་ཁར་ག་ང་ང་ཚན་པས་བསམ་ཤས། ཟ་བ། ན་ང་། (Think.Eat.Save) ཞས་ད་རང་ག་ས་ཤལ་ཆད་བཟའ་ བཅའ་ན་ང་དགས་པའ་འབད་ཚག་གཏན་འབབས་གནང་ཡད་པ་ རད། ཉན་འདར་འཛམ་ང་མཉམ་འལ་ལ་ཚགས་་ཁར་ག་ ང་ང་ཚན་པས་འཛམ་ང་ག་ཁར་ག་གནས་ངས་ཐད་ལ་འཁར་ ན་ཐ་བཏན་པ་མ་ཟད། ལ་ར་འཛམ་ང་ང་ཁར་ག་ང་བ་ ད་མཁན་ལ་ང་ག་མ་་དང་ཚགས་་ཁག་ལ་གཟངས་བད་ ང་འལ་ལ་ཡད་པ་རད། འད་ལའ ་ན་ཐ་ནང་ང་བས་ད་ན་མཉམ་འལ་ལ་ ཚགས་་བཟའ་བཅའ་དང་ཞང་ལས་ཚན་པས་ལ་ར་འཛམ་ང་ ང་མ་མས་ས་བཟའ་བཅའ་ན་ཐར་འམ་ ༡ དང་ངས་ང་ ༣ འ་བག་གཏང་གན་ཡད་པ་དང་། ད་དང་ཆབས་ཅག་འཛམ་ང་ག་ མ་ ༧ ནང་ནས་ ༡ བས་ག་གས་ཉལ་སར་ང་བ་དང་། ཉན་ར་ ང་མཐར་ཡང་འཛམ་ང་ནང་ལ་ན་ ༥ མན་་ས་པ་ ༢༠༠༠༠ ཙམ་ གས་ཤ་ཐབས་་ཡད་པ་རད་ཅས་བཀད་འག དར་བན། ཚང་ མས་མ་བཟས་ན་ལ་བསམ་་གཏང་ནས་ང་ཚའ་ཁར་ག་ལ་ང་ བ་ད་པར་མཉམ་བ་གནང་རགས་ཞས་འབད་ལ་། (Think before you Eat and help Save our environment!) ས་ན་་བ་ཆ་བན་་ཙམ་་ཐང་ཡན་པ་དང། ད་ང་ བད་ནང་ངས་ཤང་གཙང་ལ་ག་ར་་བའ་མཚ་དང་མཚ་ངས་ ༢༥༠༠ ཙམ་དང༌། ད་བཞན་་ན། ག་། གཙང་པ་སགས་བ་ ག་མང་པ་མཆས་ཤང༌། བད་་མཚ་དང་མཚ་ངས་ ༢༥༠༠ ཙམ་ ཡད་པས་ད་དག་ག་་ན་ལ་་ལ་་བཞ་མ་ ༣༥༠༠༠ ག་ཙམ་ ཟན་་ཡད་ཅང༌། ང་ཆན་ཨ་ཤ་ཡའ་འ་འང་ངས་ཆགས་ཡད་ པ་དང༌། བད་མཐ་ང་ན་འཛམ་ང་ང་གཞ་་ཧ་ཅང་ཆ་བའ་གཏན་ ཆགས་འགས་རམ་མམ་ག་ལའ་་མ་གཉས་ད་འཛམ་ང་ནང་ འ་འང་ངས་གཞ་་ཆ་ཤས་ད་ཆགས་ཡད་བས། ག་ལའ་་མ་ གམ་པ་ཞས་འབད་་ཡད། ་ནག་གས་བད་་བཙན་འལ་ས་ས་ཆབ་ད་་ དཀའ་ངལ་ཙམ་་མ་ཟད། བད་རང་ང་ཁར་ག་ག་ད་བད་གཉས་ ཀ་ལ་ཉམ་ཆགས་ཚབ་ཆན་བཏང་དང་གཏང་བཞན་པ་དང། དཔར་ན་ གཏར་ཁ་ག་འདན་དང་།ཤག་ནག་གཅད་འག ར་ས་ག་ཆགས་ ན་ག ་ཤང་དང་ན་་འ་བ། གས་ལམ་དང། གང་ལམ། ་ཁང་། ད་བཞན་ལ་ན་བཟ་བན་དང་ག་ར་དར་ས་གསར་ག་ སགས་ས་ན་པས་བད་་རང་ང་ཁར་ག་ལའང་གཏར་བཤག་ ཚབ་ཆན་ཐབས་བཞན་ཡད། དར་བན་་ལ་ལས་འདས་པའ་རང་ ང་ཁམས་་གད་ཆགས་ཚབ་ཆན་ང་དང་འང་བཞན་པ་རད། གནམ་གཤས་འར་ག་དང། ཚ་ད་ཇ་ཆར། ་ཐང་་སར་ འར་བ། ་ལག་དངཐན་པ། གངས་ད། ས་ཡམས། ཐལ་ འབ་བཅས་ས་ན་པས་བད་མའ་ཉན་རའ་འཚ་གནས་ལ་གནད་ ན་དང་གས་གས་ནས་ཤགས་ན་ཆན་པ་ཐབས་་ཡད་ཅང། བད་ནང་ཁར་ག་གཏར་བཤག་གས་ན་པས། བད་་ད་པའ་ འགས་རམ་དང་གངས་ར་མས་་ས་གཙང་པ་མ་ས་ཏ་གཙང་ པ་བར་ལ་་ཤར་ཨ་ཤ་ཡའ་ལ་ཁབ་་ནག་་ར་ལ་ར་ ག་་ལག་གས་ན་པས་མ་མང་ང་ག་མང་པའ ་ཚ་ག་ཤར་བ་ དང་ས་ཡ་མང་པའ ་ཁང་མ་དང་ས་ཞང་སགས་ལ་གནད་ན་ཆན་ པ་ཐབས་་ཡད། ག་པར་་ག་ཁང་དང་བཟ་་གསར་ག གཞ་་ཆའ་བའ་འགས་བན་ལས་གཞ་སགས་་ན་པས་གཙང་ པ་དང་ག་་འབག་བཙག་ཆགས་པ། གཙང་པའ ་ཁ་གས་བར་ འ་ལས་གཞ་སགས་་ན་པས་འཛམ་ང་ནང་འ་དམག་འག་ བབ་འ་ཉན་ཁ་ཆན་པ་ཡད་པ་མ་མས་ས་ངས་འཛན་ད་བཞན་ ཡད་ལ། ད་ན་འཛམ་ང་ནང་ལ་ཁབ་མང་པ་དབར་ས་ལ་ ས་བདག་དབང་དང་བད་གཞ་ཆད་དམག་འག་བབ་པ་དང། ད་ས་ས་རགས་ཐག་འག་ར ད་་དན་ན་མང་པ་གས་དང་ ག་བཞན་ཡད་པ་རད། 1 2 3 4 ༄༅། །བད་མཐ་ང་ན་འཛམ་ང་ག་་མ་གམ་པ། བད་མཐ་ང་ན་ད་པའ་གངས་ར་དང་གཏན་ཆགས་འགས་ རམ་་གཞ་་ཧ་ཅང་ཆ་ཞང་། ཨ་ཤ་ཡའ་ལ་ཁབ་ཕལ་མ་ཆའ་ གས་འ་མག་ངས་དང་འ་ཐན་ངས་ཆགས་ཡད་བས། འཛམ་ ང་ནང་གཏན་འཇགས་གས་རམ་ན་གཞ་ད་ས་ག་ལའ་་མ་ གཞན་གཉས་ད། གལ་ཆ་བའ་ག་ལའ་་མ་གམ་པ་ད་ཆགས་ཡད་ བས། ཡངས་གས་་བད་མཐ་ང་ལ་ག་ལའ་་མ་གམ་པ་ཞས་ འབད་་ཡད། བད་མཐ་ང་ལ་ཉ་ས་ག་ལའ་་མ་གམ་པ་དང་ཨ་ཤ་ ཡའ་་མཛད་ཅས་པའ་མང་བཏགས་པ་དས་བད་་གངས་ར་དང་འ་ འང་ངས་མས་་རན་ཐང་ཇ་ཡན་འལ་བད་ས་ཡད། བད་ མཐ་ང་ལ་འགས་རམ་ ༤༦་༠༠༠ ག་ཡད་ཅང་། ད་དག་་ན་ ་ལ་་བཞ་མ་ ༡༠༥་༠༠༠ ་ས་ན་ལ་བ་ཡད། འད་ན་ས་གཞ་ རལ་མའ ་ཐག་ག་འགས་རམ་མང་ཤས་་ས་ལ་ད་ཡན། ག་ལའ་་མ་གམ་པ་འད་ཨ་ཤ་ཡའ་་བ་ཆ་ཤས་སང་ ག་ཁ་འབབ་དང་། ཡར་ང་གཙང་པ། ་། འ་། ་། ལ་མ་ ལ་་བཅས་་་བའ་འང་ངས་ཙམ་མ་ཟད། འཛམ་་ང་ག་མ་ འབར་བ་ཆ་ ༥༠ ཙམ་་འ་དགས་མཁ་ཕལ་མ་ཆར་བན་མཁན་ ཞག་ཆགས་ཡད། དཔར་ན། བད་ནས་་བ་ཆན་པ་ ༡༠ ཙམ་་ཤར་ཨ་ ཤ་ཡའ་ལ་ཁབ་ ༡༥ ག་ཙམ་ནང་ཐད་ཀར་འབབ་ཏ་ལ་ད་དག་ག་ མ་མང་ག་འང་་དང༌། ས་ནམ་ཞང་ལས། ག་ཤགས་མཁ་འདན། བཟ་ལས་ཚན་ལ་སགས་ལ་ཕན་ཐགས་་ཆར་ཡང་ག་ཡད་པ་མ་ ཟད། མ་མང་ས་ཡ་མང་པར་བད་ད་་འཚ་གནས་ན་བ་་ཡད། བད་་གངས་ར་དང་འགས་རམ་ད་དག་ལས་དར་ས་གའ་འ་ བ་ཆ་ ༧༠ ཙམ་དང་། གཙང་་གཞན་་འ་བ་ཆ་ ༥༠ ནས་ ༦༠ བར་ཟན་་ཡད། འ་ས་་ནག་ག་འང་འ་ཐན་ངས་བ་ཆ་ ༤༠ ཟན་་ཡད་ཅང་། ད་ང་འས་་ཐན་ངས་བ་ཆ་ ༧༠ ག་དང་། འ་རགས་ཐན་ངས་་བ་ཆ་ ༥༠། ད་བཞན་ ཉ་ཚང་ཐན་ངས་་བ་ཆ་ ༧༠ ག་དང་། མདར་ན་་ནག་ ནང་ག་ཐན་ད་་འབར་ (GDP) ་བ་ཆ་ ༤༠ འ་ར་ བན་་ཡད། བད་མཐ་ང་ནས་བབས་པའ་ཨ་ཤ་ཡའ་་ཆན་ཁག་དང་ད་ དག་ག་བར་བད་ས་ལ་ན་ཡངས་་་ན་་ལ་་བཞ་མ་ས་ ཡ་་དང་བཞ་འམ་བན་་ ༥་༤༧༧་༧༠༠ ག་ཟན་་ཡད་པ་ འདས་ག་ལའ་ས་ན་་བ་ཆ་༣ཟན་་ཡད། ༄༅། །ཁར་ག་ང་བ་ར་ ་གལ་ཆའ་ན་ཤས། www.tibetnature.net www.lhasocialwork.org www.contactmagazine.net ་་ཚགས་ཞབས་་དང་ཤས་ཡན་་གནས་ཁང་ག་ཁར་ ག་ང་བ་་ལས་གཞ་འག་བད་་རང་ང་ཁར་ག་ ང་བ་་ཆ་འན་་བས་་ལ་ ༢༠༡༣ ་ ༦ ཚས་ ༥ཉན་ འཛམ་ང་ཁར་ག་ག་ཉན་མར་འམས་ལ་ས། ་་ཚགས་ཞབས་་དང་ཤས་ཡན་་གནས་ཁང། LHA CHARITABLE T RUST INSTITUTE FOR SOCIAL W ORK AND EDUCATION

བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ།

Embed Size (px)

DESCRIPTION

བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་ནི། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་གཞི་འོག བོད་ཀྱི་ཁོར་ཡུག་སྐོར་ཉམས་ཞིབ་དང་། གནས་ཚུལ་མཁོ་སྒྲུབ་ཀྱིས་ཡིག་ཚགས་གཉེར་མཁན་ཞིག་ཡིན།

Citation preview

Page 1: བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ།

༄༅།།འཛམ་གླིང་ཁོར་ཡུག་ཉིན་མོ་ངོ་སྤྲོད།

༄༅།།བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག

བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་དང་གྲུབ་ཆ་དེ་འཛམ་

གླིང་རྒྱལ་ཁབ་གཞན་གྱི་ཁོར་ཡུག་དང་འདྲ་བའི་དར་རྒུད་དང་ཆགས་

འཇིག་སྣ་ཚོགས་འབྱུང་བཞིན་ཡོད་པ་རེད། ཡིན་ནའང་རྒྱལ་ཁབ་གཞན་

ལས་བོད་ཀྱི་ཁོར་ཡུག་གི་སྐམ་སའི་ཐོན་ཁུངས་བཟང་བ་དང༌། འབྱུང་

ཁམས་གཙང་མ་ཡོད་པ་མ་ཟད། གནོད་སྐྱོན་གྱི་ཉེན་ཚབས་ཅུང་ཆུང་

བ་ཡོད་པ་རེད། སྤྱིར་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་རགས་ཙམ་

གླེང་ན་འཛམ་གླིང་སའི་ཡང་ཐོག་གངས་ཅན་ལྗོངས་ཞེས་པ་འདི་དབྱར་

དགུན་སྟོན་དཔྱིད་སོགས་དུས་བཞིའི་འགྱུར་བ་དང་ལྡན་ཞིང༌། བསིལ་

དྲོད་སྙོམས་ལ་ནམ་མཁའི་གཡའ་དྭངས་བ། མཛེས་སྡུག་ཉམས་དགའི་

དགེ་བཅུ་ཚང་བའི་ཡུལ་ལྗོངས་ཤིག་ཡིན་པ་དང༌། སྣོད་བཅུད་བཀོད་པ་

ནི་ཕྱོགས་བཞི་མཚམས་བརྒྱད་ཆེས་མཐོ་བའི་བརྗིད་ཉམས་ལྡན་པའི་རི་

བོ་མང་པོས་བསྐོར་ཞིང༌། དེ་དག་ནི་སྲིད་པའི་གངས་རི་དང༌། འཁྱག་

རོམ། རྫ་རི། སྤང་རི། ནགས་རི། བྲག་རི་སོགས་ལས་གྲུབ་ཅིང༌། མུ་

མཐའ་མེད་པའི་སྔོ་ལྗང་ཅན་གྱི་རྩྭ་ཐང་དང་སྤང་ལྗོངས་རྣམས་སུ་དྲི་ཞིམ་

སྨན་རྩྭ་དང༌། རྩི་ཤིང༌། མེ་ཏོག་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བ། རོ་བརྒྱ་

དང་བཅུད་ལྡན་གྱི་འབྲུ་སྲན་སྣ་ལྔ་དང༌། ཤ་མར་ཐུད་གསུམ། ཤིང་ཐོག་

དང་རང་བྱུང་སྔོ་ཚལ་རིགས་སོགས་སྣ་མང་འཛོམས་པའི་ཟས་བཅུད་ཀྱི་

ཐོན་ཁུངས་ཕུན་སུམ་ཚོགས་པ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་

པའི་ནགས་ཚལ་མང་ཞིང་ཤིང་སྣ་འདྲ་མིན་གྱི་ཐོན་ཁུངས་ལྡན་པ། རིན་

བྲལ་གྱི་གཏེར་དངོས་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་ཤིང་ཁྱད་དུ་

འཕགས་པ། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་གཙང་པོ་དང༌། ཆུ་

བོ། རྒྱུག་ཆུ། མཚོ། མཚེའུ་སོགས་གྲངས་ལས་འདས་ཤིང༌། རི་ཀླུང་དེ་

དག་ལ་གནས་པའི་གཅན་གཟན་རི་དྭགས་དང༌། འདབ་ཆགས་སོགས་

སྲོག་ཆགས་རིགས་མི་འདྲ་བ་ཆེས་མང་པོ་རང་འདོད་ཅི་གར་རོལ་བས།

བོད་ཀྱི་ས་མཐོའ་ིཐང་ཆེན་ནི་འཛམ་གླིང་ནང་གཞི་རྒྱ་ཆེ་ལ་དམིགས་

བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་མ་ཟད། ཨེ་ཤ་ཡའི་མཁའ་རླུང་གི་རྒྱུག་

ཚད་དང་གནམ་གཤིས་ལ་ཤ གས་རྐྱེན་ཐེབས་ཀྱི་ཡོད་པ་དང༌། བོད་ཀྱི་

འཛམ་གླིང་གི་ཁོར་ཡུག་ཉིན་མོ་ (World Environment Day) ནི་ཕྱི་ལོ་༡༩༧༢ལོའ་ིཟླ་བ་༡༠པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་

ཚོགས་ཆེན་སྐབས་༢༧པ་ཚོགས་སྐབས་ཁོར་ཡུག་སྲུང་སྐྱོབ་ཐོག་བགྲོ་

གླེང་ཤ གས་ཆེ་བྱུང་བར་བརྟེན་ལོ་ལྟར་ཕྱི་ཟླ་༦པའི་ཚེས་༥ཉིན་༼དྲུག་ལྔ་

ཁོར་ཡུག་ཉིན་མོ་༽ཞེས་འཛམ་གླིང་གི་ཁོར་ཡུག་ཉིན་མོར་སྲུང་བརྩི་བྱ་

རྒྱུར་གཏན་འབེབས་དང། ཕྱི་ལོ་༡༩༧༣ ལོར་ཆེས་ཐོག་མའི་ཁོར་ཡུག་

གི་ཉིན་མོ་སྲུང་བརྩི་བྱས།

ཕྱི་ལོ་༡༩༧༤ལོ་ནས་བཟུང་། ལོ ་ལྟར་མཉམ་འབྲེལ་རྒྱལ་

ཚོགས་ཀྱི་ཁོར་ཡུག་འཆར་འགོད་ལྷན་ཁང་གིས་འཛམ་གླིང་སྟེང་ཁོར་

ཡུག་གི་གནད་དོན་ལ་གཞིག་ནས་དྲིལ་བསྒྲགས་འབོད་ཚིག་ཅིག་གཏན་

འབེབས་བྱེད་སྲོལ་ཡོད་པ་རེད། དཔེར་ན། ༡༩༨༦ ལོར་ཞི་བདེའི་ཤིང་

སྡོང་རྐང་གཅིག་དང་། (A Tree for Peace) ༡༩༩༤ ལོར་ས་གཞི་

གཅིག་ཁྱིམ་ཚང་གཅིག་ (One Earth One Family) ལྟ་བུ།

༡༩༨༧ ལོ་ནས་ལོ་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གི་གལ་ཆེའི་གྲོང་

ཁྱེར་གཅིག་བདམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་

སྐྱོབ་ཀྱི་དྲིལ་བསྒྲགས་ལས་འགུལ་ལྟེ་གནས་སུ་གོ་སྒྲིག་བྱེད་སྲོལ་ཡོད་

པ་དང་། ཉིན་དེར་ལས་འགུལ་འདྲ་མིན་སྤེལ་ཏེ་འགྲོ་བ་མིའི་རིགས་

གཙོས་སྲོག་ལྡན་ཚང་མའི་འཚོ་སྡོད་བྱེད་སའི་ཁོར་ཡུག་འདི་སྲུང་སྐྱོབ་

དང་། བདག་སྐྱོང་། ལེགས་བཅོས་སོགས་གཏོང་དགོས་པའི་དྲིལ་

བསྒྲགས་བྱེད་ཀྱི་ཡོད། དཔེར་ན། ཕྱི་ལོ་༡༩༩༣ལོར་རྒྱ་ནག་གི་རྒྱལ་ས་

པེ་ཅིང་དང་། ༢༠༡༡ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་བཅས་ལ་

གོ་སྒྲིག་བྱས་ཡོད།

འདིར་ལོ་ཕྱི་ལོ་ ༢༠༡༣ ལོའ་ིའཛམ་གླིང་གི་ཁོར་ཡུག་ཉིན་མོ་

འདི་བཞིན་སོག་ཡུལ་ནང་འཚོགས་བཞིན་ཡོད་པ་དང་། འདི་ལོ་མཉམ་

འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་ཚན་པས་བསམ་ཤེས། ཟ་བ།

གྲོན་ཆུང་། (Think.Eat.Save) ཞེས་ཁྱེད་རང་གི་རྗེས་ཤ ལ་ཆེད་བཟའ་

བཅའ་གྲོན་ཆུང་དགོས་པའི་འབོད་ཚིག་གཏན་འབེབས་གནང་ཡོད་པ་

རེད། ཉིན་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་

སྲུང་སྐྱོང་ཚན་པས་འཛམ་གླིང་གི་ཁོར་ཡུག་གནས་སྟངས་ཐད་ལོ་འཁོར་

སྙན་ཐོ་བཏོན་པ་མ་ཟད། ལོ་ལྟར་འཛམ་གླིང་སྟེང་ཁོར་ཡུག་སྲུང་སྐྱོབ་

བྱེད་མཁན་ཕུལ་བྱུང་གི་མི་སྣ་དང་ཚོགས་སྡེ་ཁག་ལ་གཟེངས་བསྟོད་

ཀྱང་འབུལ་སྲོལ་ཡོད་པ་རེད།

འདི་ལོའ་ིསྙན་ཐོ་ནང་སྙིང་བསྡུས་བྱེད་ན་མཉམ་འབྲེལ་རྒྱལ་

ཚོགས་ཀྱི་བཟའ་བཅའ་དང་ཞིང་ལས་ཚན་པས་ལོ་ལྟར་འཛམ་གླིང་

སྟེང་མི་རྣམས་ཀྱིས་བཟའ་བཅའ་ཏུན་ཐེར་འབུམ་ ༡ དང་གྲངས་ཆུང་ ༣

འཕྲོ་བརླག་གཏོང་གིན་ཡོད་པ་དང་། དེ་དང་ཆབས་ཅིག་འཛམ་གླིང་གི་

མི་ ༧ ནང་ནས་ ༡ བཀྲེས་ལྟོག་གིས་ཉལ་སར་ལྷུང་བ་དང་། ཉིན་ལྟར་

ཉུང་མཐར་ཡང་འཛམ་གླིང་ནང་ལོ་ན་ ༥ མན་གྱི་བྱིས་པ་ ༢༠༠༠༠ ཙམ་

ལྟོགས་ཤི་ཐེབས་ཀྱི་ཡོད་པ་རེད་ཅེས་བཀོད་འདུག དེར་བརྟེན། ཚང་

མས་མ་བཟས་སྔོན་ལ་བསམ་བློ་གཏོང་ནས་ང་ཚོའི་ཁོར་ཡུག་ལ་སྲུང་

སྐྱོབ་བྱེད་པར་མཉམ་རུབ་གནང་རོགས་ཞེས་འབོད་སྐུལ་ཞུ། (Think before you Eat and help Save our environment!)

ས་ཁྱོན་གྱི་བརྒྱ་ཆ་བདུན་ཅུ་ཙམ་རྩྭ་ཐང་ཡིན་པ་དང། ད ་ དུ ང ་

བོད་ནང་དྭངས་ཤིང་གཙང་ལ་གཡུ་ལྟར་སྔོ་བའི་མཚོ་དང་མཚེའུ་གྲངས་

༢༥༠༠ ཙམ་དང༌། དེ་བཞིན་ཆུ་ཕྲན། རྒྱུག་ཆུ། གཙང་པོ་སོགས་བརྒྱ་

ཕྲག་མང་པོ་མཆིས་ཤིང༌། བོད་ཀྱི་མཚོ་དང་མཚེའུ་གྲངས་ ༢༥༠༠ ཙམ་

ཡོད་པས་དེ་དག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༥༠༠༠ ལྷག་ཙམ་

ཟིན་གྱི་ཡོད་ཅིང༌། གླིང་ཆེན་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་ཆགས་ཡོད་

པ་དང༌། བོད་མཐོ་སྒང་ནི་འཛམ་གླིང་སྟེང་གཞི་རྒྱ་ཧ་ཅང་ཆེ་བའི་གཏན་

ཆགས་འཁྱགས་རོམ་མམ་གོ་ལའི་སྣེ་མོ་གཉིས་ཕུད་འཛམ་གླིང་ནང་

ཆུའི་འབྱུང་ཁུངས་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་སྟབས། གོ་ལའི་སྣེ་མོ་

གསུམ་པ་ཞེས་འབོད་ཀྱི་ཡོད།

རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་རྗེས་ཆབ་སྲིད་ཀྱི་

དཀའ་ངལ་ཙམ་དུ་མ་ཟད། བོད་རང་བྱུང་ཁོར་ཡུག་གི་སྣོད་བཅུད་གཉིས་

ཀ་ལ་ཉམ་ཆགས་ཚབ་ཆེན་བཏང་དང་གཏོང་བཞིན་པ་དང། དཔེར་ན་

གཏེར་ཁ་སྔོག་འདོན་དང་།ཤིག་ནག་གཅོད་འབྲེག རི་སྐྱེས་སྲོག་ཆགས་

རྔོན་རྒྱག རྩི་ཤིང་དང་སྨན་སྣ་འཐུ་བ། ལྕགས་ལམ་དང། གཞུང་ལམ།

གློ་ཁང་། དེ་བཞིན་རྡུལ་ཕྲན་བཟོ་བསྐྲུན་དང་སྙིག་རོ་དོར་ས་གསར་རྒྱག་

སོགས་ཀྱིས་རྐྱེན་པས་བོད་ཀྱི་རང་བྱུང་ཁོར་ཡུག་ལའང་གཏོར་བཤིག་

ཚབ་ཆེན་ཐེབས་བཞིན་ཡོད། དེར་བརྟེན་བློ་ཡུལ་ལས་འདས་པའི་རང་

བྱུང་ཁམས་ཀྱི་གོད་ཆགས་ཚབ་ཆེན་བྱུང་དང་འབྱུང་བཞིན་པ་རེད།

གནམ་གཤིས་འགྱུར་ལྡོག་དང། ཚ་དྲོད་ཇེ་ཆེར། རྩ་ཐང་བྱེ་སར་

འགྱུར་བ། ཆུ་ལོག་དང། ཐན་པ། གངས་རུད། ས་ཡོམས། ཐལ་

འཚུབ་བཅས་ཀྱིས་རྐྱེན་པས་བོད་མིའི་ཉིན་རེའི་འཚོ་གནས་ལ་གནོད་

སྐྱོན་དང་ལྡོགས་ཕྱོགས་ནས་ཤ གས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཅིང།

བོད་ནང་ཁོར་ཡུག་གཏོར་བཤིག་གིས་རྐྱེན་པས། བོད་ཀྱི་སྲིད་པའི་

འཁྱགས་རོམ་དང་གངས་རི་རྣམས་ཞུ་རྗེས་གཙང་པོ་རྣམ་རྒྱས་ཏེ་གཙང་

པོ་བཞུར་ཡུལ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་ནག་ལྟ་བུར་ལོ་ལྟར་

གི་ཆུ་ལོག་གིས་རྐྱེན་པས་མི་མང་སྟོང་ཕྲག་མང་པོའ་ིཚེ་སྲོག་ཤོར་བ་

དང་ས་ཡ་མང་པོའ་ིཁང་ཁྱིམ་དང་ས་ཞིང་སོགས་ལ་གནོད་རྐྱེན་ཆེན་

པོ་ཐེབས་ཀྱི་ཡོད། ལྷག་པར་དུ་གློག་ཁང་དང་བཟོ་གྲྭ་གསར་རྒྱག

གཞི་རྒྱ་ཆེའི་བའི་འཛུགས་བསྐྲུན་ལས་གཞི་སོགས་ཀྱི་རྐྱེན་པས་གཙང་

པོ་དང་རྒྱུག་ཆུ་འབག་བཙོག་ཆགས་པ། གཙང་པོའ་ིཁ་ཕྱོགས་བསྒྱུར་

རྒྱུའི་ལས་གཞི་སོགས་ཀྱི་རྐྱེན་པས་འཛམ་གླིང་ནང་ཆུའི་དམག་འཁྲུག་

བརྒྱབ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་མི་རྣམས་གྱིས་ངོས་འཛིན་བྱེད་བཞིན་

ཡོད་ལ། དེ་སྔོན་འཛམ་གླིང་ནང་རྒྱལ་ཁབ་མང་པོ་དབར་ས་ཁུལ་

གྱིས་བདག་དབང་དང་བརྩོད་གཞི་ཆེད་དམག་འཁྲུག་བརྒྱབ་པ་དང།

དེ་རྗེས་རྫས་རིགས་ཐོག་འཁྲུག་རྕོད་གྱི་དོན་རྐྱེན་མང་པོ་ལྷགས་དང་

ལྷག་བཞིན་ཡོད་པ་རེད།

1 2 3 4

༄༅། །བོད་མཐོ་སྒང་ནི་འཛམ་གླིང་གི་སྣེ་མོ་གསུམ་པ།

བོད་མཐོ་སྒང་ནི་སྲིད་པའི་གངས་རི་དང་གཏན་ཆགས་འཁྱགས་

རོམ་གྱི་གཞི་རྒྱ་ཧ་ཅང་ཆེ་ཞིང་། ཨེ་ཤ་ཡའི་རྒྱལ་ཁབ་ཕལ་མོ་ཆེའི་

རྒྱུགས་ཆུའི་མགོ་ཁུངས་དང་ཆུའི་ཐོན་ཁུངས་ཆགས་ཡོད་སྟབས། འཛམ་

གླིང་ནང་གཏན་འཇགས་ཁྱགས་རོམ་རྟེན་གཞི་བྱེད་ས་གོ་ལའི་སྣེ་མོ་

གཞན་གཉིས་ཕུད། གལ་ཆེ་བའི་གོ་ལའི་སྣེ་མོ་གསུམ་པ་དེ་ཆགས་ཡོད་

སྟབས། ཡོངས་གྲགས་སུ་བོད་མཐོ་སྒང་ལ་གོ་ལའི་སྣེ་མོ་གསུམ་པ་ཞེས་

འབོད་ཀྱི་ཡོད།

བོད་མཐོ་སྒང་ལ་ཉེ་དུས་གོ་ལའི་སྣེ་མོ་གསུམ་པ་དང་ཨེ་ཤ་

ཡའི་ཆུ་མཛོད་ཅེས་པའི་མིང་བཏགས་པ་དེས་བོད་ཀྱི་གངས་རི་དང་ཆུའི་

འབྱུང་ཁུངས་རྣམས་ཀྱི་རིན་ཐང་ཇི་ཡིན་འགྲེལ་བརྗོད་བྱས་ཡོད། བོད་

མཐོ་སྒང་ལ་འཁྱགས་རོམ་ ༤༦་༠༠༠ ལྷག་ཡོད་ཅིང་། དེ་དག་རྒྱ་ཁྱོན་

སྤྱི་ལེ་གྲུ་བཞི་མ་ ༡༠༥་༠༠༠ གྱི་ས་ཁྱོན་ལ་ཁྱབ་ཡོད། འདི་ནི་ས་གཞི་

རིལ་མོའ་ིཐོག་གི་འཁྱགས་རོམ་མང་ཤོས་ཀྱི་ས་ཁུལ་དེ་ཡིན།

གོ་ལའི་སྣེ་མོ་གསུམ་པ་འདི་ཨེ་ཤ་ཡའི་ཆུ་བོ་ཆེ་ཤོས་སེང་

གེ་ཁ་འབབ་དང་། ཡར་ཀླུང་གཙང་པོ། རྫ་ཆུ། འབྲི་ཆུ། རྨ་ཆུ། རྒྱལ་མོ་

རྔུལ་ཆུ་བཅས་ཀྱི་རྩ་བའི་འབྱུང་ཁུངས་ཙམ་མ་ཟད། འཛམ་བུ་གླིང་གི་མི་

འབོར་བརྒྱ་ཆ་ ༥༠ ཙམ་གྱི་ཆུའི་དགོས་མཁོ་ཕལ་མོ་ཆེར་བསྐྲུན་མཁན་

ཞིག་ཆགས་ཡོད། དཔེར་ན། བོད་ནས་ཆུ་བོ་ཆེན་པོ་ ༡༠ ཙམ་ལྷོ་ཤར་ཨེ་

ཤ་ཡའི་རྒྱལ་ཁབ་ ༡༥ ལྷག་ཙམ་ནང་ཐད་ཀར་འབབ་ཏེ་ཡུལ་དེ་དག་གི་

མི་མང་གི་འཐུང་ཆུ་དང༌། སོ་ནམ་ཞིང་ལས། གློག་ཤ གས་མཁོ་འདོན།

བཟོ་ལས་ཚན་རྩལ་སོགས་ལ་ཕན་ཐོགས་རྒྱ་ཆེར་ཡོང་གི་ཡོད་པ་མ་

ཟད། མི་མང་ས་ཡ་མང་པོར་བདེ་སྐྱིད་ཀྱི་འཚོ་གནས་སྦྱིན་ཐུབ་གྱི་ཡོད།

བོད་ཀྱི་གངས་རི་དང་འཁྱགས་རོམ་དེ་དག་ལས་དབྱར་དུས་གངྒའི་ཆུའི་

བརྒྱ་ཆ་ ༧༠ ཙམ་དང་། གཙང་ཆུ་གཞན་གྱི་ཆུའི་བརྒྱ་ཆ་ ༥༠ ནས་ ༦༠

བར་ཟིན་གྱི་ཡོད།

འབྲི ་ཆུས་རྒྱ ་ནག་གི ་འཐུང ་ཆུའི ་ཐོན ་ཁུངས་བརྒྱ་ཆ ་

༤༠ ཟིན་གྱི་ཡོད་ཅིང་། ད་དུང་འབྲས་ཀྱི་ཐོན་ཁུངས་བརྒྱ་ཆ་ ༧༠

ལྷག་དང་། འབྲུ་རིགས་ཐོན་ཁུངས་ཀྱི་བརྒྱ་ཆ་ ༥༠། དེ་བཞིན་

ཉ་ཚོང་ཐོན་ཁུངས་ཀྱི་བརྒྱ་ཆ་ ༧༠ ལྷག་དང་། མདོར་ན་རྒྱ་ནག་

ནང་གི་ཐོན་སྐྱེད་རྩ་འབོར་ (GDP) གྱི་བརྒྱ་ཆ་ ༤༠ འབྲི་ཆུར་

བརྟེན་གྱི་ཡོད།

བོད་མཐོ་སྒང་ནས་བབས་པའི་ཨེ་ཤ་ཡའི་ཆུ་ཆེན་ཁག་དང་དེ་

དག་གི་བཞུར་བརྒྱུད་ས་ཁུལ་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་

ཡ་ལྔ་དང་བཞི་འབུམ་བདུན་ཁྲི་ ༥་༤༧༧་༧༠༠ ལྷག་ཟིན་གྱི་ཡོད་པ་

འདིས་གོ་ལའི་ས་ཁྱོན་གྱི་བརྒྱ་ཆ་༣ཟིན་གྱི་ཡོད།

༄༅། །ཁོར་ཡུག་སྲུང་སྐྱོབ་སྐོར་

གྱི་གལ་ཆེའི་རྒྱུན་ཤེས།

www.tibetnature.net

www.lhasocialwork.org

www.contactmagazine.net

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཁོར་

ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འོག་བོད་ཀྱི་རང་བྱུང་ཁོར་ཡུག་

སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ཉིན་

འཛམ་གླིང་ཁོར་ཡུག་གི་ཉིན་མོར་འགྲེམས་སྤེལ་བྱས།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང།

Lha CharitabLe trust institute For soCiaL Work and eduCation

Page 2: བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ།

༄༅།།བླ་ཆེན་རྣམ་པས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་

བསྩལ་བའི་བཀའ་སློབ།

༄༅། །ང་ཚོས་ཤེས་གསལ་ལྟར། འགྲོ་བ་མིའི་ཁྱད་ནོར་རྣམས་ལ་རྩི་

སྲུང་མི་བྱེད་པའི་མིའི་བྱ་སྤྱོད་ཀྱིས་འཛམ་གླིང་ས་གཞི་སྟེང་གི་ཞི་བདེ་

དང་སྲོག་ཆགས་རྣམས་རྒྱུན་གནས་མི་ཐུབ་པའི་ཉེན་ཁ་བཟོ་བཞིན་ཡོད།

རང་བྱུང་གི་བཀོད་པ་དང་། དེ་དག་གི་འབྲས་བཅུད་ནོར་རྣམས་གཏོར་

བཅོམ་ནི། མི་ཤེས་པ་དང་། འདོད་རྔམས། སྲོག་ཆགས་ལ་རྩི་མཐོང་

མེད་པ་བཅས་ལས་བྱུང་བ་ཡིན།

༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག

༄༅། །རང་ཅག་གངས་ལྗོངས་ཁ་བ་རི་པའི་བཅོས་མིན་ཁོར་ཡུག་གི་

རང་བཞིན་རྣམས་ལ་དེང་རབས་འགྱུར་འགྲོས་སྣ་ཚོགས་ཀྱིས་གནོད་

ཤགས་ཆེར་ཐེབས་བཞིན། བག་ཡངས་རྩེད་རོལ་བཞིན་པའི་རི་སྐྱེས་སྲོག་

ཆགས་མང་པོའ་ིཚེ་སྲོག་དབང་མེད་དུ་འཕྲོག་ཅིང་། བག་མེད་རྒྱན་སྤྲོད་

ལོངས་སུ་སྤྱོད་པའི་ལུགས་གསར་རྒྱུན་འཇགས་སུ་ཕྱིན་ནས་དགོས་མེད་

དཔལ་འབྱོར་གྱི་འགྲན་རྩོད་འདྲ་མིན་དུས་སུ་བདོ་བའི་རྐྱེན་གྱིས་མི་རིགས་

ནང་ཁུལ་དམེ་འཁྲུག་འབྱུང་བའི་གཞི་རྩ་ཆགས་ཉེན་ཡོད།

༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག

༄༅། །མ་གཞི་ཁོར་ཡུག་གི་གནས་ཚུལ་དེ་ཛ་དྲག་ཏུ་ཕྱིན་ཏེ་ཕལ་ཆེར་

ང་ཚོས་རི་ལུད་པ་ཐག་པས་མི་འདུམ་པའི་དཔེ་ཇི་བཞིན་བཅོས་སུ་དཀའ་

བ་ཞིག་ཡིན་མོད་ཀྱང་། ད་དུང་རེ་བ་རྒྱག་ས་མེད་པ་ཞིག་ཆགས་མེད་པས་

དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་བཟང་ཕྱོགས་ནས་འགྱུར་བ་གང་འདྲ་

ཞིག་གཏོང་རྒྱུ་འདུག་གམ་བསམ་བློ་གཏོང་དགོས།

༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག

༄༅། །འགྲོ་བ་མིས་བྱེད་ལས་ལ་བརྟེན་ནས་དེ་སྔོན་ལོངས་སུ་སྤྱོད་

རུང་བའི་དྭངས་གཙང་གི་ཆུ་རྣམས་ད་ཆ་འཐུང་མི་རུང་བ་བེད་སྤྱོད་མེད་

པར་ཆགས་ནས། དེ་རིང་ཁ་སང་མི་རྣམས་ཡར་མར་འགྲོ་དུས་ཆུ་རྒལ་

པར་འཁུར་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་

རེད། ད་དུང་དེ་ལས་ཀྱང་ང་ཚོས་ད་ལྟ་ནས་ཁོར་ཡུག་ལ་དོ་སྣང་མ་

བྱས་ཚེ། ཁོང་ཡུག་དང་མཁའ་རླུངས་ཡོངས་སུ་འབག་བཙོག་ཆགས་

ནས། ནམ་ཞིག་ང་ཚོས་མཁའ་དབུགས་ཀྱང་རྒལ་པར་འཁུར་ནས་འགྲོ་

དགོས་པའི་གནས་སྟངས་ཤིག་ཤར་སྲིད།

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག

6 7 8 9ཡོད་ཀྱང་། དེའི་ཁྲོད་ཀྱི་བརྒྱ་ཆབ་ ༩༧་༥ ཙམ་ནི་ཚྭ་ཆུ་ཡིན་པས་འཐུང་

ཆུ་བྱེད་མི་རུང་། ལྷག་མའི་བརྒྱ་ཆ་ ༢་༥ ཙམ་ཟིན་པའི་ཆུ་གཙང་མའི་

ཁྲོད་ཀྱི་བརྒྱ་ཆ་ ༨༧ ལྷོ་བྱང་སྣེ་གཉིས་དང་། འཛམ་གླིང་གི་སྣེ་མོ་གསུམ་

པར་འབོད་པའི་བོད་མཐོ་སྒང་གི་འཁྱག་རོམ་དང་། གངས་རི་བཅས་

ཀྱིས་བཟུང་བས་ང་ཚོས་བེད་སྤྱོད་བྱེད་དཀའ་བ་དང་། ད་ལྟ་འཛམ་གླིང་

གི་མི་མང་པོ་ཞིག་ལ་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཅིང་།

ཚན་རིག་པས་ཚོད་དཔག་བྱས་པ་ལྟར་ན། ད་ལྟ་འཛམ་གླིང་ནང་ཆུ་ཡི་

དཀའ་ངལ་འཕྲད་བཞིན་པའི་མི་གྲངས་དུང་ཕྱུར་གཅིག་ལ་བསླེབས་ཡོད་

འདུག

དེར་བརྟེན་རང་ཉིད་ཀྱི་ད་ལྟའི་འཚོ་གནས་དང་། མ་འོངས་

པའི་བུ་རབས་ཚ་བརྒྱུད་རྣམས་ཀྱི་བདེ་སྐྱིད་ཆེད་དུ། ད་ནས་བཟུང་

རང་ཉིད་ནས་འགོ་བརྩམ་སྟེ། རང་བྱུང་ཁོར་ཡུག་ལ་དོ་སྣང་དང་འགན་

འཁུར་གྱིས་རྩི་ཤིང་སྲོག་ཆགས་དང་རིན་ཆེན་གཏེར་དངོས་རྣམས་སྲུང་

སྐྱོབ་དང་གཅེས་སྤྲས་བྱེད་དགོས་ཤིང་། ཐོག་མར་ཆུང་ས་ནས་འགོ་

བརྩམས་སྟེ་ཆེ་སར་བསྙོབ་དགོས་པ་དང་། དཔེར་ན། ཁྱེད་རང་གིས་

ཉིན་ལྟར་སྟབས་བདེ་པོའ་ིངང་ལག་བསྟར་བྱེད་ཐུབ་པའི་སོ་སོའ་ིགནས་

སྡོད་བྱེད་ས་གཙང་བཟོ་དང་འབྲེལ་ཁོར་ཡུག་འབགས་བཙོག་ལ་གནོད་

པའི་གད་སྙིགས་འགྱིག་ཤོག་སོགས་གང་བྱུང་མི་གཡུག་རྒྱུ་ཐབས་ཤེས་

དང་གད་སྙིགས་འགྱིག་ཤོག་གཡུག་བཞགས་པ་དེ་འདྲ་བསྡུ་རུབ་གྱིས་

གད་སྙིགས་བླུགས་སྣོད་ལ་བླུགས་པ་ཡིན་ན་དེ་ནས་བཟུང་ང་ཚོ་རང་

བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གོམ་པ་དང་པོ་སྤོས་ཟིན་ཞིང་དེ་

དང་མཉམ་དུ་ཁོར་ཡུག་སྐྱོབ་ལ་དགའ་ཞེན་དང་ཤེས་རྟོགས་འགན་ཁུར་

ཡོད་པའི་བརྡ་ལན་ཞིག་ཀྱང་ཡིན། འགྲོ་བ་མི་རེ་ངོ་རེས་ཁོར་ཡུག་ལ་

སྲུང་སྐྱོབ་དང་གཅེས་སྤྲས་བྱས་པ་ཡིན་ན། ཆེད་དུ་ཁོར་ཡུག་སྲུང་སྐྱོབ་

པ་དང་སྲུང་སྐྱོབ་ཚོགས་པ། གད་སྙིགས་བསྒྲུབ་མཁན་སོགས་ག་ལ་

དགོས། ལྷག་པར་དུ་སྲོལ་རྒྱུན་བོད་ཀྱི་ཆོས་དང༌། རིག་གཞུང༌། གོམས་

གཤིས། ཡུལ་སྲོལ་སོགས་ཀྱི་ཐད་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་

བའི་འདུ་ཤེས་ནི་བོད་མིའི་རྒྱུད་ལ་ཡོད་པའི་ལྷན་སྐྱེས་ཀྱི་བག་ཆགས་

བཟང་པོ་དང༌། ཤེས་བྱ་ཞིག་ཆགས་ཡོད་པ་དང། དེ་ཡང་གདོད་མའི་

བོད་ཀྱི་ཆོས་ལུགས་གཡུང་དྲུང་བོན་གྱི་ཤ གས་རྐྱེན་འོག་དར་ཁྱབ་དང།

བོན་གྱི་སྟོན་པ་གཤེན་རབ་ཀྱིས་འཇིག་རྟེན་འདིའི་སྒང་ལ་

སྐྱེ་དངོས་ཡོད་ཚད་ལ་ཚེ་སྲོག་ལྡན་ཡོད་པའི་གནོད་འཚེ་བྱ་མི་རུང་བ་

སོགས་གསུངས་ཤིང༌། ལྷག་པར་དུ་ས་ལ་གནས་པའི་ས་ལྷ་དང༌། རི་ལ་

གནས་པའི་གཞི་བདག ཡུལ་ལ་གནས་པའི་ཡུལ་ལྷ། ཆུ་ལ་གནས་པའི་

ཀླུ། བྲག་ལ་གནས་པའི་བཙན་སོགས་ཡོད་པ་བཤད་ལ། རི་ཀླུང་ས་བསྐོ་

རྡོ་སློག་དང་ཤིང་ནགས་གཅོད་འབྲེག་བྱས་ན་ཡུལ་ལྷ་དང༌། ས་ལྷ། གཞི་

གནའ་སྔ་མོའ་ིདུས་སུ་འགྲོ་བ་མིའི་གྲངས་འབོར་ཉུང་བ་དང་བཟོ་ལས་

རིག་རྩལ་འབྲིང་ཙམ་ཡིན་པའི་སྐབས་སུ་ཁོར་ཡུག་ལ་གནོད་སྐྱོན་དེ་

ཙམ་ཆེན་པོ་ཡོང་གི་མེད་ཀྱང་། འགྲོ་བ་མི་ཞེས་པ་དེ་འཛམ་བུ་གླིང་གི་

ལོ་རྒྱུས་ནང་བྱུང་རྗེས་འགྲོ་བ་མིའི་བྱེད་ལས་དང་འདོད་རྔམ་གྱིས། རང་

ཉིད་ཀྱི་འཚོ་གནས་དང་དགོས་མཁོར་བརྟེན་ནས། རང་བྱུང་ཁོར་ཡུག་

ལ་གཏོར་བཤིག་ཚད་མེད་བཏང་རྐྱེན། ཆུ་ལོག་དང༌། དྲག་ཆར་རླུང་

འཚུབ། གོ་ལའི་ཚ་དྲོད། མེ་སྐྱོན། སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་

ཡོང་གི་ཡོད།

དཔེར་ན་ལོ་ཁྲི་གཅིག་སྔོན་ལ་འཛམ་གླིང་གི་མི་འབོར་ས་ཡ་ལྔ་ལྷག་

ཙམ་ལས་མེད་པ་དང༌། དེ་རྗེས་ལོ་ངོ་ ༢༠༠༠ ནང་དུང་ཕྱུར་གཅིག་ལྷག་

ཙམ་འཕར་བ་དང་། ༡༩༥༠ ནས་བརྩིས་པའི་ལོ་ངོ་ ༣༠༠ གོང་དུ་འཛམ་

གླིང་མི་འབོར་དུང་ཕྱུར་ལྔ་ལ་ཆགས་ཡོད་པ་དང་། ཕྱི་ལོ་༡༩༥༠ ལོར་

འཛམ་གླིང་མི་འབོར་དེ་ཐེར་འབུམ་ ༢་༥། ཕྱི་ལོ་ ༡༩༩༠ ལོར་མི་འབོར་

ཐེར་འབུམ་ ༥་༣། ཕྱི་ལོ་ ༢༠༡༢ ལོར་འཛམ་གླིང་གི་མི་འབོར་ཐེར་

འབུམ་ ༧ ལས་བརྒལ་ཡོད་པ་རེད། དཔྱད་གཞིའི་ཡིག་ཆའི་ནང་

གསལ་བ་ལྟར་ན་ད་ཆ་ལོ་རེར་འཛམ་གླིང་ནང་མི་འབོར་ས་ཡ་བཅུ་མིན་

ཙམ་འཕར་སྣོན་འགྲོ་བཞིན་ཡོད་པས་ནགས་ཚལ་སྤྱི་ཆིང་ཁྲི་ ༡༧༠༠

ལྷག་གཅོད་འབྲེག་དང༌། ས་ཞིང་སྤྱི་ཆིང་ཁྲི་ ༦༠༠ ལྷག་བྱེ་ཐང་ཅན་དུ་

འགྱུར་བཞིན་པ། ལོ་རེར་སྐྱེ་དངོས་རིགས་ ༦༠༠ ལྷག་རྩ་མེད་འགྲོ་བ།

ལོ་རེར་རྒྱ་མཚོའི་ནང་ལ་གད་སྙིགས་ཏུན་དུང་ཕྱུར་ ༢༠༠ ལྷག་འདོར་

བཞིན་པ། མཁའ་དབུགས་བཙོག་པར་གྱུར་པའི་དབང་གིས་མི་༨༠༠ཙམ་

འཆི་བ། ཆུ་ལ་འབགས་བཙོག་ཐེབས་ཏེ་ལོ་རེར་མི་ཁྲི་ཚོ་ ༢༥༠༠ འཆི་

བཞིན་ཡོད་པ་རེད།

འཛམ་གླིང་ནང་མི་འབོར་རྒྱ་ཆ་ ༦༠ ལྷག་རྒྱ་མཚོ་དང་བར་ཐག་སྤྱི་ལེ་

༦༠ སར་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། གནམ་གཤིས་མུ་མཐུད་ད་

ལྟའི་མྱུར་ཚད་ལྟར་ཇེ་དྲོར་སོང་བ་ཡིན་ན། ཕྱི་ལོ་ ༢༠༥༠ ལོར་ཡས་

མས་སུ་རྒྱ་མཚོའི་ཉེ་འགྲམ་གྱི་གྲོང་ཁྱེར་ཆེ་ཁག་ནེའུ་ཡོག་དང༌། ལོན་

ཌོན། ཐོ་ཀྱོ། ཧྲང་ཧེ་སོགས་རྒྱ་མཚོས་བསྣུབ་པའི་ཉེན་ཁ་ཡོད་པ་མ་ཟད།

ཕྱི་ལོ་ ༢༡༠༠ ལོར་ཉི་ཧོང་དང་ཧོ་ལན་ཌི་རྒྱལ་ཁབ་གཉིས་རྒྱ་མཚོས་

ཡོངས་སུ་བསྣུབ་པའི་ཉེན་ཁ་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

༄༅། །འཛམ་གླིང་ཁོར་ཡུག་གི་དཀའ་ངལ།བདག་གིས་ཀོ་ལོང་ཕྲག་དོག་བྱས་ཏེ་གནོད་པ་ཡོང་བ་དང༌། ཆུ་མགོ་

དང་ཆུ་བོ་བཙོག་པ་བཟོས་ན་ཀླུའི་གནོད་པ་ཡོང་བ། བྲག་རོང་དང་ས་

བཙན་ས་རིགས་ལ་བཙན་གནས་ཡོད་པས་རྩི་ཞིང་གཅོད་འབྲེག་བྱས་ན་

བཙན་གྱིས་གནོད་པ་ཡོང་བ། རི་སྐྱེས་སྲོག་ཆགས་སོགས་རྔོན་རྒྱག་བྱ་

མི་རུང་བ་དེ་དག་ཚང་མ་ཡུལ་ལྷ་གཞི་བདག་གི་སྒོ་ཁྱི་སྒོ་ཟོག་ཡིན་པ་མ་

ཟད། དེ་བཞིན་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་དང་སྲོག་གཅོད་བྱས་

ན་ཉེས་པ་ལྷག་པར་ཆེན་པོ་ཡོད་པ་བཤད།

རྒྱུན་དུ་ལྷ་ཀླུ་གཞི་བདག་སོགས་ལ་བསངས་གསོལ་དང་

བསྟོད་བསྟོད་མཆོད་མཆོད་བྱས་ན་མི་དང་རང་བྱུང་ཁམས་བར་འཆམ་

མཐུན་ཡོང་བས་ཡུལ་ལ་བཀྲིས་ལོ་ལེགས་དང༌། ཆར་ཆུ་དུས་སུ་འབབ་

པ། ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཡོང་བ་བཤད་ཅིང༌། དཔེར་

ན་ས་ཁང་ཁྱིམ་སོགས་གནས་སྤོས་བྱེད་དགོས་ན་ས་བདག་ཀླུ་གཉན་

སོགས་ལ་ཕོག་ཐུག་མི་འགྲོ་བའི་ཆེད་ཏུ་གནས་སྤོ་བའི་ཉིན་གཟའ་སྐར་

འཕྲོད་སྦྱོར་ལེགས་པོ་ཡིན་པ་གང་ ཞིག་ལ། གནས་སྤོ་ཡུལ་དུ་བསངས་

གསོལ་དང་ས་གཞི་བྱིན་རླབས་སོགས་བྱེད་སྲོལ་ཡོད་པ་རེད།

དེ་ལྟ་བུ་བོད་མིའི་རང་བྱུང་ཁམས་ལ་ལྟ་བའི་རྩ་ཆེན་གྱི་འདུ་

ཤེས་འདི་རིགས་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་ལྟ་བའི་རྨང་

གཞིའི་ཐོག་ནས་དར་ཡོད་པ་དང༌། དམ་པའི་ཆོས་བོད་དུ་དར་རྗེས་བོད་

མི་རྣམས་རང་བྱུང་ཁམས་ལ་ལྟ་བའི་འདུ་ཤེས་དང་སྲུང་སྐྱོབ་ཀྱི་བསམ་

བློ་སོགས་སྔར་ལས་ལྷག་པའི་ཇེ་བཟང་དུ་གྱུར་ཡོད་པ་རེད། སྤྱིར་

ནང་པའི་ཆོས་ཀྱི་ཐོག་ནས་བཤད་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་

བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་

ཟབ་ཡོད་པས། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་བཤད་ན་ལྟ་

བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ། རྒྱུན་དུ་རང་ལས་གཞན་

གཅེས་པར་འཛིན་པའི་བསམ་བློའ་ིའདུ་ཤེས་ལྡན་པ། བྱམས་པ་དང་

སྙིང་རྗེ་ལྡན་པ། མདོར་ན་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་ལྟར་

བྱམས་པའི་བརྩེ་བ་དང༌། འདོད་ཆུང་ཆོག་ཤེས་སོགས་བྱེད་དགོས་པ་

གསུངས་ཡོད་པའི་བོད་མི་རིགས་ལ་དེ་འདྲའི་ལྟ་བའི་རྨང་གཞིའི་ཐོག་

སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་དང་གཏོར་བརླགས་གཏོང་བར་

འཛེམས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པས། སྲུང་སྐྱོབ་ཀྱི་ནུས་པ་གལ་ཆེན་

ཐོན་ཡོད་པ་རེད།

ཆོས་དགེ་བ་དང་རིམ་འགྲོ། དེ་བཞིན་བསངས་གསོལ་བྱས་ཏེ་

རང་བྱུང་ཁམས་ཀྱི་བདག་པོ་ལྷ་ཀླུ་གཞི་བདག་ལ་བསྙེན་བཀུར་དང༌། སྐུ་

གསུང་ཐུགས་རྟེན་བཞེངས་ཏེ་འཛམ་གླིང་ཞི་བདེ་དང༌། རང་བྱུང་ཁམས་

ཀྱི་གནོད་འཚེ་འགོག་ཐབས་བྱེད་ཅིང། རང་བྱུང་ཁམས་ཀྱི ་གྲུབ་ཆ་

གཙོ་བོ་འབྱུང་བ་ལྔ་ལ་ལྷ་རེ་ཡོད་པ་འདུ་ཤེས་འཛིན་གྱི་ཡོད་པ་རེད།

ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའ་ིདུས་ནས་བཟུང་བཙན་པོ་

5 ཆར་དུས་སུ་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་ཆུའི་དཀལ་ངལ་

མེད་ཀྱང་། ཆར་དུས་མིན་པའི་ནམ་ཟླར་མི་འབོར་ས་ཡ་ ༩༠༠ ཙམ་གྱི་

ལོ་ཧྲིལ་བོའ་ིཆུའི་དགོས་མཁོ་བོད་ཀྱི་འཁྱགས་རོམ་དང་གཏན་ཆགས་

འཁྱགས་རིམ་གྱི་ཞུ་རྒྱུན་ལ་ཐུག་ཡོད།

ཁྱད་ལས་མཁས་པས་གསུང་དོན་ལྟར་ན་མདོ་དབུས་མཐོ་

སྒང་ན་འཁྱགས་ཀླུང་ཆེ་འབྲིང་ཆུང་གསུམ་ ༤༦༠༠ ལྷག་ཁྱབ་ཡོད་པ་

དེ་རྒྱ་ནག་རྒྱལ་ཡོངས་ཀྱི་འཁྱགས་ཀླུང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་ ༨༣་༨

ཙམ་ཟིན་པ་དང་། ཨེ་ཤ་ཡའི་འཁྱགས་ཀླུང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་ ༤༠

ཟིན་གྱི་ཡོད།

དུས་རབས་ཉི་ཤ ་བའི་ལོ་རབས་བདུན་ཅུའི་སྐབས་དེར་མདོ་

དབུས་མཐོ་སྒང་གི་འཁྱགས་ཀླུང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་

༤༨༨༥༩་༡༨ ཡོད་མོད། འོན་ཀྱང་རྒྱུ་རྐྱེན་ཅི་རིགས་ཀྱི་དབང་གིས་ད་

ལྟ་འཁྱགས་ཀླུང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤༤༤༣༨ མ་

གཏོགས་མེད། ལོ་སུམ་ཅུའི་རིང་ལ་མདོ་དབུས་མཐོ་སྒང་གི་འཁྱགས་

ཀླུང་གི་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༤༢༠་༧༨ ཇེ་ཉུང་ལ་སོང་ཡོད། ཆ་

སྙོམས་ལོ་རེར་སྤྱི་ལེ་གྲུ་བཞི་མ་ ༡༤༧་༣༦ ཇེ་ཉུང་དུ་འགྲོ་བཞིན་ཡོད།

༄༅། །ཁོར་ཡུག་སྲུང་སྐྱོབ་དང་རང་ཉིད་ཀྱི་ལས་འགན།

༄༅། །རང་ཉིད་སའི་གོ་ལ་འདིའི་ཐོག་འཚོ་གནས་བྱེད་མཁན་གྱི་

འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། སའི་གོ་ལའི་སྣོད་བཅུད་གཉིས་ཀ་

ལ་བདག་གཅེས་དང་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དེ་སྐྱེ་བོ་རེ་རེའི་ལྡོག་ཏུ་

མེད་པའི་འོས་འགན་ཞིག་ཡིན་ཞིང་། རང་བྱུང་ཁོར་ཡུག་དང་རྩི་ཤིང་

། སྲོག་ཆགས་སོགས་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་ཆེ་ས་ནས་བསམ་བློ་གཏོང་

ན་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་ལ།

དེ་ལྟར་བསམ་བློ་གཏོང་མ་ཐུབ་རུང་སོ་སོའ་ིཉིན་རེའི་འཚོ་གནས་དང་

འབྲེལ་བ་དམ་གཟབ་ཡོད།

ཁ་རྒྱུན་དུ་ཁྲོན་པ་མ་བསྐམས་ན་ཆུ་ཡི་རིན་ཐང་མི་ཤེས་ཞེས་

པ་ལྟར། ད་ལྟ་རང་གི་མདུན་དུ་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་

གཙང་མ་ཞིག་ཡོད་དུས། དེ་ལ་ཆོག་ཤེས་དང་བདག་བཅེས་མ་བྱེད་པར་

རྩི་ཤིང་སྨན་སྣ་དང་། ཆུ། གཏེར་ཁ་སོགས་རང་བྱུང་ཐོན་ཁུངས་ལ་

བག་མེད་ལོངས་སྤྱོད་དང་། གད་སྙིགས་སོགས་གང་བྱུང་གཡུག་ཏེ་ཁོར་

ཡུག་འབགས་བཙོག་དང་གནོད་སྐྱོན་གཏོང་བ་ཡིན་ན་མི་རིང་བར་ད་ལྟ་

ལས་ཚབ་ཆེ་བའི་རང་བྱུང་ཁོར་ཡུག་གི་དོན་རྐྱེན་བྱུང་དུས་བློ་འགྱོད་པ་

སྐྱེ་ན་ཕྱིར་དྲག་པ་རེད།

སྤྱིར་སའི་གོ་ལའི་བརྒྱ་ཆ་ ༧༠་༨ ཀྱི་རྒྱ་ཁྱོན་ལ་ཆུ་ཡིས་ཁེངས་

དང་རྒྱལ་པོ་དང་རྒྱལ་ཚབ་རིམ་བྱོན་གྱིས་རྒྱལ་ཁམས་ཀྱི་ཁྲིམས་སྲོལ་

གཏན་འབེབས་མཛད་ཡོད་པའི་ཁྲིམས་ཡིག་ནང་རང་བྱུང་ཁོར་ཡུག་

དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དགོས་པ་སོགས་འཁོད་ཡོད་པ་

རེད།