5
མན་པ་ན་བཞ། ས་ོ་ཊ་བོད་ོབ་་བ་ཡག་ཚང་ནས་འམས་ལ་ས། སམ་ོ་ཊ་ས་པའ་དབ་ང་།

Book1 UnitedBrothers Uchen

Embed Size (px)

DESCRIPTION

 

Citation preview

Page 1: Book1 UnitedBrothers Uchen

མཐུན་པ་སྤུན་བཞི།

སཾ་བོྷ་ཊ་བོད་སོླབ་སྤྱིི་ཁྱབ་ཡིིག་ཚང་ནས་འགྲེམས་སྤེལ་བྱས།

སམ་བྷོ་ཊ་བྱིིས་པའིི་དེབ་ཕྲེང་། ༡

Page 2: Book1 UnitedBrothers Uchen

གནའ་སྔ་མོ་ཞིིག་ལ། ཀ་ཤིིའིི་ནགས་

ཚལ་གྱིི་ཁྲོད་དུུ་བྱ་གོང་མོ་དང་། རིིལ་བོང་། སྤྲེའུུ་ གླང་

ཆེན་བཅས་བཞིི་པོ་ཕན་ཚུུན་མཛའ་ཞིིང་མཐུུན་པའིི་ངང་

འཚོ་བཞིིན་ཡོད།

ཉིིན་ཞིིག །ཁོང་

ཚོས་རྒན་པ་ལ་བརྩིི་བཀུར་དར། གཞོན་པ་ལ་

བྱམས་སྐྱོང་བྱེད་ཆེད། ཁོང་ཚོའིི་ནང་རྒན་གཞོན་གྱིི་

གོ་རིིམ་དབྱེ་རྒྱུར་ཁ་འཆམ་པ་རེད།

༢ ༣

བྱ་གོང་མོས་ཤིིང་ནྱ་གྲོ་དྷ་ཞིིག་བསྟན་ཏེ་ “ང་ཚོས་ཤིིང་

འདིི་མཐོང་བའིི་སྔ་རྗེསལྟར་རྒན་རིིམ་ཕྱེ་ན་ལེགས་”

ཞེས་བཤད།

མཁས་པ་མང་དུུ་བསྡུུས་ནས་ནིི།

བོླ་གོྲས་བསྡུུར་བས་ལེགས་ལ་སོྦྱར།

གླང་པོ་ལ་སོགས་སོྲག་ཆགས་བཞིི།

འཛོམས་ནས་བསླབ་ཁྲིིམས་བཅས་ལ་ལོྟས།

དགེ་ལྡན་ལེགས་བཤད།

Page 3: Book1 UnitedBrothers Uchen

དེ་ནས་གླང་ཆེན་གྱིིས། ང་དང་པོ་ལམ་འདིིར་འགྲོ་དུུས་

ཤིིང་འདིི་ངའིི་གཟུགས་པོ་ཙམ་འདུུག །ཟེར་ སྤྲེའུུས། ངས་

ཀྱང་དང་པོ་ཤིིང་འདིི་རང་གིི་གཟུགས་ཚད་ཙམ་མཐོང་

ཟེར།

རིི་བོང་གིིས་ “ཤིིང་འདིིར་དང་པོ་ལོ་མ་སྐྱེས་སྐབས། ངས་

ལོ་མའིི་སྟེང་གིི་ཟིིལ་བལྡགས་མྱོང་” ཟེར།

ཁོང་ཚོ་བཞིི་པོས་མགྲིིན་གཅིིག་ཏུ། “འོ་ན་ཕྱིི་མ་ཕྱིི་མ་རྒན་

པ་བསྙེན་བཀུར་བྱ་དགོས་” ཞེས་བཤད།

གཞོན་པས་རྒན་པར་བཀུར་བའིི་སྲོལ་བཟང་པོ་མཚོན་

ཆེད། ཁོང་ཚོ་ལམ་དུུ་འགྲོ་སྐབས་གཞོན་པས་རྒན་པ་

གོང་དུུ་འཁུུར་ནས་སོང་།

༤ ༦

༧ ༨

Page 4: Book1 UnitedBrothers Uchen

དེ་ནས་ཁོང་ཚོས་སྲོག་གཅོད་དང་། མ་བྱིིན་ལེན་པ་དང་

འདོད་མགོ་དང་། རྫུན་དང་། ཆང་བཅས་སྤོང་བར་མོས་

མཐུུན་བྱུང་ནས་བསླབ་པའིི་གཞིི་སྔ་ལ་གནས་པར་གྱུར་ཏོ།

ཡང་ཉིིན་ཞིིག་གོང་མོས་ “ད་ནིི་གཞན་དག་ལ་ཕན་པར་

བྱའ་ོ" ཞེས་བཤད་དེས། ཐོག་མར་ཁོང་ཚོས་རང་རང་གིི་

རིིགས་རྣམས་བསླབ་པའིི་གནས་ལ་བཀོད།

དེ་ནས་ཁོང་ཚོས་ནགས་ཚལ་གྱིི་དུུད་འགྲོ་ཐམས་ཅད་

བསླབ་པའིི་གཞིི་ལ་བཀོད་དེ། ཀ་ཤིིའིི་ཡུུལ་གྱིི་དུུད་འགྲོ་

ཚང་མས་ཕན་ཚུུན་གནོད་པ་མིི་བྱེད།

དེ་ནས་བཟུང་། ཡུུལ་དེར་ཆར་ཆུ་བཟང་ཞིིང་ལོ་

ཕྱུགས་འཕེལ་བ་བཀྲ་ཤིིས་དང་དགེ་མཚན་ཀུན་ཏུ་

ཁྱབ་པར་གྱུར།

༩ ༡༠

༡༡ ༡༢

Page 5: Book1 UnitedBrothers Uchen

ཡིིན་ནའང་། ཡུུལ་དེའིི་རྒྱལ་བློན་དང་། ཡུུལ་མིི་རྣམས་

ཀྱིིས་དེ་ནིི་རང་རང་གིི་བསོད་ནམས་ཀྱིི་མཐུུ་ལས་བྱུང་

བར་སྨྲས་ནས་རྩོད་གླེང་བྱས།

མཐར་མིི་རྣམས་ཀྱིིས་དྲང་སྲོང་ཞིིག་ལ་དྲིིས་ཚེ། དྲང་

སྲོང་གིིས། “དེ་ནིི་ཡུུལ་འདིི་ན་གོང་མོ་དང་། རིི་བོང་

སྤྲེའུུ་ གླང་ཆེན་བཞིི་ཕན་ཚུུན་བརྩིི་བཀུར་དང་བྱམས་

སྐྱོང་ལྡན་ཞིིང་བསླབ་པའིི་གཞིི་ལྔ་བསྲུུང་ཞིིང་སྤེལ་བ་

ལས་བྱུང་ངོ་" ཞེས་གསུུངས།

དེ་ནས་བཟུང་། རྒྱལ་བློན་དང་འབངས་བཅས་ཀྱིིས་ཀྱང་

བསླབ་གཞིི་ལྔ་ལེགས་པར་བསྲུུང་སྟེ། ཡུུལ་དེ་བདེ་སྐྱིིད་ཀྱིི་

དཔལ་དང་ལྡན་པར་གྱུར་ཏོ།

༡༣ ༡༤

༡༥